Jean-Luc Achard
CNRS, CRCAO
གཏེར་ཆེན་རིག་འཛིན་རྒོད་ལྡེམ་གཏེར་ནས་བཏོན་པའི་རྫོགས་པ་ཆེན་པོ་ཀ་དག་རང་བྱུང་རང་ཤར་ཞེས་བྱ་བ་ཨོ་རྒྱན་པདྨའི་སྙན་རྒྱུད་ཁོངས་སུ་གཏོགས་ཏེ་སྤྲོས་པའི་མཐའ་སྤྱོད་པའི་སློབ་དཔོན་ཆེན་པོའི་སྙན་རྒྱུད་ཡིན། ཨ་འཛོམ་ཆོས་སྒར་གྱི་དཔེ་སྐྲུན་བཞིན་ཡང་ཟབ་གནད་ཀྱི་ཆོས་ཚན་ནི་ཆོས་སྡེ་བཅོ་ལྔ་ཐེམ་བྱང་དང་བཅས་པས་ཆོས་ཚན་བཅུ་དྲུག་ཡོད། ཁྱད་པར་དུ་ཆོས་ཚན་དེ་རྣམས་དབང་དུ་བྱས་ན་ཞུས་ལེན་གནད་ཀྱི་ཡི་གེ་དང་གཅིག། ཞལ་ཆེམས་རིན་ཆེན་གཟེར་བུ་དང་གཉིས། མ་རིག་མུན་སེལ་དང་གསུམ། སྙིང་པོ་བསྡུས་པ་རིག་པའི་དབང་དང་བཞི། གནད་ཏིག་ཞལ་གདམས་ཟབ་མོའི་ཐེམས་དང་ལྔ། ངོ་སྤྲོད་རང་རིག་རང་གསལ་དང་དྲུག། གེགས་སེལ་ནོར་བུ་རཏྣའི་བང་མཛོད་དང་བདུན། མན་ངག་གསལ་བའི་སྒྲོན་མ་དང་བརྒྱད་དོ། རྒྱུད་གཉིས་ནི་ཀུན་གྲོལ་རྡོ་རྗེ་སེམས་དཔའི་རྒྱུད་ལེའུ་དགུ་པ་དང་། རང་བྱུང་རང་ཤར་རྩ་བའི་རྒྱུད་ལེའུ་བཅུ་གསུམ་དང་བཅས་པའོ། ཆོས་སྐོར་ཀུན་ཀྱང་ཚིག་དོན་གང་ཞེ་ན་མཉམ་པར་བཞག་པ་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་ཡང་གསང་བླ་ན་མེད་པའི་སྙན་བརྒྱུད་ཡིན་ནོ། ༡༩༧༣ ལོར་པད་མ་ཆོས་ལྡན་གྱིས་པར་སྐྲུན་བྱས་པའི་དཔེ་ཚོགས་དེའི་སྙིང་དོན་ནི་གཤམ་གསལ་ལྟར་ཏེ།
དཀར་ཆག།
༠༽ཐེམ་བྱང་།་་་་་༡-༢
༡༽སྔོན་འགྲོ་རིན་པོ་ཆེ་གནད་ཀྱི་གཟེར་ལྔ།་་་་་་་་༣-༣༡
༢༽གསོལ་འདེབས།་་་་་་་་་༣༣-༣༩
༣༽རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྙིང་པོ་བཅུད་བསྡུས་རིག་པའི་དབང་འཇུག་བདེར་བཀོད་པ།་་་་་་་་༤༡-༧༧
༤༽སྙིང་པོ་བཅུད་བསྡུས་རིག་པའི་དབང་།་་་་་་་་༧༩-༡༠༣
༥༽རང་བྱུང་རང་ཤར་རྩ་བའི་རྒྱུད།་་་་་་་༡༠༥-༡༣༠
༡- རང་བྱུང་ངོ་བོ་ཉིད་ཀྱི་སྐུ་བསྟན་པ།་་་་་་༡༠༦ ༢- ཀུན་གཞི་བར་མ་དོ་ནས་འཁྲུལ་པའི་སེམས་ཅན་བྱུང་ཚུལ་བསྟན་པ།་་་་་་༡༠༨ ༣- ཡེ་ཤེས་བྱུང་ཚུལ།་་་་་་༡༡༠ ༤- ཐེག་པ་འོག་མའི་འབྲས་བུ་བསྟན་པ།་་་་་་་༡༡༣ ༥- འཁྲུལ་པ་བཟློག་པའོ་ཐབས་བསྟན་པ།་་་་་་་༡༡༤ ༦- རང་གི་རིག་པ་མ་བསླད་པ་ཆོས་སྐུར་ངོ་སྤྲད་པ།་་་་་་་༡༡༥ ༧- སྣང་བ་མ་བཅོས་པ་ཆོས་ཀྱི་དབྱིངས་སུ་བསྟན་པ།་་་་་་་༡༡༧ ༨- ལས་དང་པོའི་དུས་བཞི་བསྟན་པ།་་་་་་་༡༡༨ ༩- གོམས་པ་རྐྱེན་བྱུང་གི་དུས་བསྟན་པ།་་་་་་་༡༡༨ ༡༠- བློ་དངོས་གཅིག་ཏུ་རྟོགས་པ།་་་་་་་༡༢༤ ༡༡- སྲིད་པ་བར་དོ་ལས་སངས་རྒྱ་བའི་དུས་བསྟན་པ།་་་་་་་༡༢༥ ༡༢- རྐྱེན་ཐུབ་འབྲལ་མེད་བསྟན་པ།་་་་་་་༡༢༧ ༡༣- རྒྱུད་གཏད་པ།་་་་་་་༡༢༨ ༼མཚན་བྱང་༽་་་་་་་༡༣༠ |
༦༽ཀུན་གྲོལ་རྡོ་རྗེ་སེམས་དཔའི་རྒྱུད།་་་་་་་༡༣༡-༡༤༩
༡- འཁོར་འདས་གཉིས་བྱུང་ཚུལ།་་་་་་་༡༣༢ |
༧༽ངོ་སྤྲོད་རང་རིག་རང་གསལ༼པད་མའི་ཞུས་ལན༽྄།་་་་་་་༡༥༡-༡༦༡
༡- ཡུལ་གྱི་སྣང་བ་ལ་རིག་པའི་བརྡ་སྤྲོད་པ།་་་་་་་༡༥༢ ༢- ཉམས་བརྒྱད།་་་་་་་༡༥༤ ༣- རྫོགས་པ་ཆེན་པོའི་དུས་གསུམ།་་་་་་་༡༥༤ ༤- དངོས་པོ་གནས་ལུགས།་་་་་་་༡༥༦ ༥- ངོ་བོ་གཅིག་པ་།་་་་་་༡༥༨ ༦- ཐ་མལ་གྱི་ཤེས་པ།་་་་་་་༡༥༩ ༧- དགེ་དང་མི་དགེ།་་་་་་་༡༥༩ ༨- རྟོགས་པའི་བཤད་པ།་་་་་་་༡༦༠ |
༨༽ཞུས་ལན་ནད་ཀྱི་ཡི་གེ།་་་་་་་༡༦༣-༡༧༥
༡- མཚོ་རྒྱལ་གྱི་རྨི་ལམ།་་་་་་་༡༦༤ ༢- ཨོ་རྒྱན་གྱི་བཤད་པ།་་་་་་་༡༦༨ ༣- སྣང་བ་རང་གྲོལ་གྱི་མན་ངག།་་་་་་་༡༧༣ |
༩༽སྐུ་གསུམ་གཏན་དབབ་པའི་རྒྱུད༼ནམ་མཁའི་སྙིང་པོའི་ཞུས་ལན།༽྄།་་་་་་་༡༧༧-༡༨༧
༡- ཀུན་བྱེད་སེམས་ཀྱི་རང་བཞིན་བསྟན་པ།་་་་་་་༡༧༨ ༢- སེམས་ཀྱི་འགླ་འཚང་བཅད་པ།་་་་་་་༡༨༢ ༣- ངོ་སྤྲོད་པ།་་་་་་་༡༨༤ |
༡༠༽མ་རིག་མུན་སེལ་སྒྲོན་མེ་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ཀྱི་རིམ་པ།་་་་་་་༡༨༩-༢༠༠
༡- རིན་པོ་ཆེའི་གཟེར་ལྔ།་་་་་་་༡༩༢ ༢- ལོ་རྒྱུས།་་་་་་་༡༩༣ ༣- ལོ་རྒྱུས།་་་་་་་༡༩༣ ༤- བརྒྱུད་པ།་་་་་་་༡༩༤ ༥- མན་ངག་གསང་བ།་་་་་་་༡༩༥ ༦- ཉམས་སུ་ལེན་ཚུལ།་་་་་་་༡༩༧ ༧- གཞི་ཡི་དཔེ་དོན་བསྟན་པ།་་་་་་་༡༩༨ ༨- ལམ་གྱི་དཔེ་དོན་བསྟན་པ།་་་་་་་༡༩༨ ༩- འབྲས་བུ་དཔེ་དོན་བསྟན་པ། རིག་པ་རང་གྲོལ།་་་་་་་༡༩༨ ༡༠- བརྒྱུད་པ།་་་་་་་༡༩༩ |
༡༡༽ཨོ་རྒྱན་པད་མས་མཛད་པའི་ཞལ་ཆེམས་སྒྲོན་མ་རྣམ་གསུམ།་་་་་་་༢༠༡-༢༤༤
༡- གླེང་གཞི།་་་་་་་༢༠༢ ༢- ཕྱི་ལུས་ཀྱི་སྒྲོན་མ།་་་་་་་༢༠༤ ༢-༡- ལུས་ཀྱི་སྒྲོན་མ།་་་་་་་༢༠༤ ༢-༡- འགྲོ་དོན་ཤུགས་ཀྱིས་མཛད་པ།་་་་་་་༢༠༤ ༣- ནང་ལྟར་སྤྱོད་པའི་སྒྲོན་མ།་་་་་་་༢༡༠ ༣-༡- ལོ་རྒྱུས།་་་་་་་༢༡༠ ༣-༢- ཞལ་གདམས་ཐུགས་རྗེའི་ཞགས་པ།་་་་་་་༢༡༥ ༣-༣- ནག་ལྟར་ཉམས་སུ་བླངས་ཐབས།་་་་་་་༢༡༩ ༤- གུ་རུས་ཐུགས་དམ་སྙིང་པོ་གསལ་སྒྲོན་ཞེས་བྱ་་བ།་་་་་་་༡༣༧ |
༡༢༽ཞལ་ཆེམས་རིན་ཆེན་གཟེར་བུ།་་་་་་་༢༤༥-༢༦༠
མཚན་མེད་དུམ་བུར་དགུ་ཕྱེ་བ།་་་་་་་༢༠༡-༢༤༤
༡༣༽གེགས་སེལ་ནོར་བུ་རིན་པོ་ཆེའི་མཛོད ༼མཚོ་རྒྱལ་ཞུས་ལན།༽྄།་་་་་་་༢༦༡-༣༢༠
ཀ༽- ཆོས་ཉིད་ཀྱི་དོན།་་་་་་་༢༦༢ ༡- ཉམས་སུ་ལེན་པའི་གནད་གསུམ།་་་་་་་༢༦༢ ༢- ཞི་གནས་ལྷག་མཐོང་།་་་་་་་༢༦༤ ༣- བདེ་གསལ་མི་རྟོག་པ།་་་་་་་༢༦༥ ༤- དེ་ལ་ཆགས་པ།་་་་་་་༢༦༦ ༥- གོལ་ས་བཅད་པ།་་་་་་་༢༦༦ ༦- མཐར་ཕྱིན་པའི་ལམ།་་་་་་་༢༦༨ ཁ༽- སྤྱོད་པ།་་་་་་་༢༧༠ ག༽- སྐྱེ་འཆི་ལམ་དུ་སློང་བའི་མན་ངག།་་་་་་་༢༧༩ ང༽- བར་དོའི་གནད་རྣམས་བསྟན་པ།་་་་་་་༢༨༦ ༡- རབ་བར་དོ་མེད་པར་སངས་རྒྱ།་་་་་་་༢༨༦ ༡-༡- འབྱུང་བའི་ཐིམ་ལུགས།་་་་་་་༢༨༦ ༡-༢- རྟོག་པ་འགགས་ཚུལ།་་་་་་་༢༨༧ ༡-༣- མི་རྟོག་པའི་ཡེ་ཤེས་འཆར་ཚུལ།་་་་་་་༢༨༨ ༡-༤- དེ་ངོས་ཟིན་ནས་སངས་རྒྱ་ལུགས།་་་་་་་༢༨༨ ༢- འབྲིང་བར་དོ་ནས་སངས་རྒྱ།་་་་་་་༢༨༨ ༢-༡- འབྱུང་བའི་ཐིམ་ལུགས།་་་་་་་༢༨༩ ༢-༢- རྟོག་པ་འགགས་ཚུལ།་་་་་་་༢༨༩ ༢-༣- བར་དོར་ཆོས་ཉིད་འཆར་ལུགས།་་་་་་་༢༨༩ ༢-༤- རང་ངོ་ཤེས་ནས་སངས་རྒྱ་ལུགས།་་་་་་་༢༨༩ ༣- ཐ་མ་སྐྱེ་བ་ལེན་ལུགས།་་་་་་་༢༩༠ ༣-༡- འབྱུང་བའི་ཐིམ་ལུགས།་་་་་་་༢༩༠ ༣-༢- རྟོག་པ་འགགས་ཚུལ།་་་་་་་༢༩༠ ༣-༣- ཡིད་ཀྱི་ལུས་སུ་གྲུབ་པ།་་་་་་་༢༩༠ ༣-༤- བར་དོ་སྣང་བ་འཆར་ལུགས།་་་་་་་༢༩༡ ༣-༥- ཕྱི་མའི་སྐྱེ་བ་ལེན་ལུགས།་་་་་་་༢༩༡ ཅ༽- ལམ་གྱི་གེགས་བསལ་བ།་་་་་་་༢༩༢ ༡- ཏིང་ངེ་འཛིན་གྱི་གེགས་བསལ་བ།་་་་་་་༢༩༣ ༢- ལུས་ལ་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ།་་་་་་་༢༩༦ ༢-༡- ནད་ལ་གནས་པའི་གཞི།་་་་་་་༢༩༦ ༢-༢- འབྱུང་བའི་རྒྱུ།་་་་་་་༢༩༦ ༢-༣- སློང་བའི་རྐྱེན།་་་་་་་༢༩༦ ༢-༤- སྨིན་པའི་འབྲས་བུ།་་་་་་་༢༩༦ ༢-༥- བཅོས་པའི་ཐབས།་་་་་་་༢༩༧ ༣- སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ།་་་་་་་༣༠༢ ༤- རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བ།་་་་་་་༣༠༤ ཆ༽- བོག་འདོན་པ།་་་་་་་༣༠༥ ༡- བོག་མི་འབྱུང་བའི་སྐྱོན་བསལ་བ།་་་་་་་༣༠༥ ༢- འབྱུང་བའི་གཞི་བཅའ་བ།་་་་་་་༣༠༦ ༣- འདོན་པའི་ཐབས་ལ་བརྩོན་པ།་་་་་་་༣༠༦ ༣-༡- རང་ལམ་གང་གནས་ལ་བོགས་འདོན་པ།་་་་་་་༣༠༦ ༣-༢- གསར་དུ་སྐྱེས་ཀྱི་ཉམས་བོགས་སུ་འདོན་པ།་་་་་་་༣༠༧ ༣-༢-༡- ཉོན་མོངས་པ་བོགས་སུ་འདོན་པ།་་་་་་་༣༠༧ ༣-༣-༢- རྣམ་རྟོག་བོགས་སུ་འདོན་པ།་་་་་་་༣༡༠ ཇ༽- མཐར་ཕྱིན་པའི་འབྲས་བུ།་་་་་་་༣༡༡ ༡- འགྲོ་བའི་དོན་མཛད་པའི་ཚུལ།་་་་་་་༣༡༡ ༡-༡- ངོ་བོ་སྣང་ཚུལ།་་་་་་་༣༡༡ ༡-༡-༡- སྐུ་ལྔ།་་་་་་་༣༡༢ ༡-༡-༢- གསུང་ལྔ།་་་་་་་༣༡༢ ༡-༡-༣- ཐུགས་ལྔ།་་་་་་་༣༡༣ ༡-༡-༤- ཡོན་ཏན་ལྔ།་་་་་་་༣༡༣ ༡-༡-༥- ཕྲིན་ལས་ལྔ།་་་་་་་༣༡༤ ༡-༢- འགྲོ་བའི་དོན་མཛད་པའི་ཚུལ།་་་་་་་༣༡༥ ༢- བདེ་བར་གཤེགས་པ་དགོངས་པ་ལ་བཞུགས་ཚུལ།་་་་་་་༣༡༧ ༣- གདུལ་བྱ་ཐུགས་རྗེས་གཟིགས་ཚུལ།་་་་་་་༣༡༨ ༤- གཞན་གྱི་ལོག་རྟོག་བཟློག་པ།་་་་་་་༣༡༨ *༽- མཛད་བྱང་།་་་་་་་༣༡༩ |
༡༤༽ཟབ་མོ་གནད་ཀྱི་ཐེམ་བཅུ།་་་་་་་༣༢༡-༤༠༡
༡- གླེང་གཞི་ཞུས་ལེན།་་་་་་་༣༢༢ ༡༥༽བར་དོ་ལྔའི་ངོ་སྤྲོད།་་་་་་་༤༠༣-༤༡༨ ༡- བར་དོ་ལྔ་བཅད་པའི་མན་ངག།་་་་་་་༤༠༤ ཀ་དག་རང་བྱུང་རང་ཤར་དང་དགོངས་པ་ཟན་ཐལ་གྱི་གསུང་སྒྲོས་ལས་གསལ་བ་ལྟར་ན། སྔ་མ་ནི་ཁྲེགས་ཆོད་ཀྱི་ཆོས་སྐོར་དངོས་དང་། ཕྱི་མ་ནི་ཐོད་རྒལ་གྱི་གདམས་པ་ལ་ངེས་པར་སྣང་ཞིང་། ཀ་དག་རང་བྱུང་རང་ཤར་དུ་རིག་པའི་གནས་ལུགས་དངོས་སུ་གསུངས་པའི་སྣང་ཆ་མ་ཡིན་པའི་ཉམས་བཞེས་ནི་མེད་ལ། སྐོར་འདི་ཡང་གཞུང་རིང་ཤོས་ཡིན་པས་གཞུང་རྐྱང་པ་མིན་ཏེ། ཆོས་ཉིད་ངོ་སྤྲོད་ནས་བཟུང་སྟེ། སྤྱོད་ལམ་དང་བར་དོ་དང་འབྲས་བུ་ཐོབ་པའི་གདམས་ངག་སོགས་གེགས་སེལ་གྱི་སྐོར་རྣམས་གེགས་སེལ་ནོར་བུ་རིན་པོ་ཆེའི་མཛོད་དུ་གསལ་བ་ལྟར་ཡིན་པས་སོ༎ ཕྱོགས་གཅིག་ནས་བཤད་ན། ཆོས་སྐོར་འདིའི་ནང་འཁོད་པའི་ཁྲིད་རྣམས་ཀྱིས་དགོངས་པ་ཟང་ཐལ་གྱི་ཁྲིད་གདམས་ཁ་སྐོང་བྱས་པ་ཞིག་ཡིན། དེར་བརྟེན་ཐོད་རྒལ་གྱི་ཉམས་ཁྲིད་རྣམས་དགོངས་པ་ཟང་ཐལ་རང་ཉིད་ལ་བཞག་ཡོད། ཀ་དག་རང་བྱུང་རང་ཤར་ཆོས་སྐོར་འདིའི་ནང་དུ་ཁྲེགས་ཆོད་ཀྱི་ཁྲིད་གདམས་རྣམས་ནི་ཅོག་བཞག་གསུམ་མམ་བཞིའི་ལུགས་ལྟར་བཤད་པ་མ་ཡིན་པར། གནས་ལུགས་ཀྱི་བཞུགས་ཚུལ་དང་། རང་རྩལ་གྱི་ཡེ་ཤེས་རྒྱས་པར་འཆད་པའི་སྒོ་ནས་འཆད་ཅིང་། དེ་ལྟར་གནས་ལུགས་སྟོང་གསལ་དབྱེར་མེད་དམ་ཟུང་འཇུག་ཏུ་གནས་པ་ཀ་དག་ལྷུན་གྲུབ་ཀྱི་མཚན་ཉིད་ཅན་དུ་གསལ་བར་བསྟན་ལ། དེ་ལྟ་བུའི་གནས་ལུགས་རྟོགས་པའི་ཤེས་རབ་ནི་རིག་པའི་མཚན་ཉིད་ཅན་ཡིན་ཏེ། ཆོས་ཉིད་ཇི་ལྟ་བ་བཞུགས་ཚུལ་དང་ཆོས་རྣམས་འདུས་བྱས་ཀྱི་ཡིན་ཚུལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཆ་ནས་འདིར་བསྟན་པ་ཡིན་ནོ།། * ཚིག་དོན་གཙོ་བོ་ཀ་ཐོའི་རིམ་པ་མདོར་བསྡུས། འདིར་རྣམ་བཞག་བཀོད་པའི་དཔེ་ནི་འདི་ཡིན་ཏེ། Rdzogs pa chen po gdongs pa zang thal and Ka dag rang byung rang shar — Collections of treasured teachings of the Rdo rje brag (Byang gter) tradition of the Rnying ma pa, Rediscovered from their places of concealment at Zang zang Lha brag by Rig ‘dzin Rgod kyi ldem ‘phru can. Reproduced from prints from the A ‘dzom Chos sgar blocks carved at the beginning of the 20th century through the efforts of A ‘dzom ‘Brug pa Rin po che ‘Gro ‘dul dpa’ bo rdo rje, by Pema Choden, vol. V, Leh, 1973. |
༼ཀ༽
ཀུན་བྱེད ༡༧༨
ཀུན་གཞི ༡༠༨
ཀུན་གཞི་བར་མ་དོ ༡༠༨
རྐྱེན ༡༤༣
རྐྱེན་ཐུབ ༡༢༧
རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསླ་བ ༣༠༤
སྐུ་ལྔ ༣༡༢
སྐྱེ་འཆི ༢༧༩
སྐྱེ་བ་ལེན་ལུགས ༢༩༠, ༢༩༡
༼ཁ༽
འཁོར་འདས་ཀྱི་གྱེས་མཚམས ༣༣༢
འཁོར་འདས་བྱུང་ཚུལ ༡༣༢
འཁོར་བ་སྤྱིའི་མཚན་ཉིད ༣༣༠
འཁྲུལ་ ༡༠༨, ༣༢༨
འཁྲུལ་པ་བཟློག་པའི་ཐབས་བསྟན་པ ༡༡༤
༼ག༽
གེགས་བསལ་བ ༢༩༢
གོམས་པ ༡༢༡
གོལ་ས་བཅད་པ ༡༣༩, ༢༦༦
དགེ་དང་མི་དགེ ༡༥༩
འགལ་འཚང་བཅད་པ ༡༨༢
བརྒྱུད་པ ༡༩༤, ༡༩༩
༼ང༽
ངོ་སྤྲོད ༡༡༥, ༡༥༡, ༡༨༤, ༤༠༣
ངོ་བོ་གཅིག་པ ༡༥༨
ངོ་བོ་ཉིད་ཀྱི་སྐུ་བསྟན་པ ༡༠༦
ངོ་བོ་སྣང་ཚུལ ༣༡༡
དངོས་པོ་གནས་ལུགས ༡༥༦
༼ཅ༽
བཅོས་པའི་ཐབས ༢༩༧
༼ཆ ༽
ཆོས་ཀྱི་དབྱིངས ༡༡༧
ཆོས་སྐུ ༡༡༥, ༡༣༧, ༡༤༣
ཆོས་ཉིད་ ༢༨༩, ༣༥༧
ཆོས་ཉིད་ཀྱི་དོན ༢༦༢
༼ཉ ༽
ཉམས་བརྒྱད ༡༥༤
ཉམས་རྟག ༣༤༣
ཉམས་སུ་ལེན་ཚུལ ༡༩༧
ཉམས་སུ་བླངས་ཐབས ༢༡༩
ཉམས་སུ་ལེན་པའི་གནད་གསུམ ༢༦༢
ཉོན་མོངས་པ ༣༠༧
༼ཏ༽
ཏིང་ངེ་འཛིན་གྱི་གེགས ༢༩༣
རྟོག་པ་འགགས་ཚུལ ༢༨༧, ༢༨༩, ༢༩༠
རྟོགས་པའི་དུས ༡༤༥
རྟོགས་པའི་བཤད་པ ༡༦༠
ལྟ་བ ༡༣༩
༼ཐ༽
ཐ་མལ་གྱི་ཤེས་པ ༡༥༩
ཐུགས་ལྔ ༣༡༣
ཐུགས་རྗེ ༣༡༨
ཐེག་པ་འོག་མའི་འབྲས་བུ ༡༡༣
མཐར་ཕྱིན་པའི་འབྲས་བུ ༢༦༨
༼ད༽
དུས་བཞི ༡༡༨
བདེ་བར་གཤེགས་པ་དགོངས་པ ༣༡༧
བདེ་གསལ་མི་རྟོག་པ ༢༦༥
༼ན༽
ན་ཚ་སྡུག་བསྔལ་གྱི་གེགས ༢༩༦
ནད ༢༩༦
གནས་ལུགས ༣༢༤
རྣམ་རྟོག་བོགས་སུ་འདོན་པ ༣༡༠
རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ ༣༠༢
སྣང་བ ༡༧༣, ༢༩༡
སྣང་བ་མ་བཅོས་པ ༡༡༧
༼པ༽
དཔེ་དོན ༡༩༨
སྤྱོད་པ ༢༡༠, ༢༧༠, ༣༦༧
སྤྱོད་པ ༡༤༠
༼ཕ༽
ཕྱི་མའི་སྐྱེ་བ་ལེན་ལུགས ༢༩༡
ཕྲིན་ལས་ལྔ ༣༡༤
༼བ༽
བར་དོ་ལྔ་བཅད་པའི་མན་ངག ༤༠༤
བར་དོ་ལྔའི་ངོ་སྤྲོད ༤༠༣, ༤༠༤
བར་དོ་སྣང་བ་འཆར་ལུགས ༢༩༡
བར་དོའི་གནད ༢༨༦
བར་དོར་སངས་རྒྱས་ཐོབ་པ ༡༤༦
བོགས་འདོན་པ ༣༠༥
བྱར་མེད ༤༡༤
བློ ༡༢༤
འབྲས་བུ ༡༩༨, ༣༡༡
འབྱུང་བའི་ཐིམ་ལུགས ༢༨༦, ༢༨༩, ༢༩༠
༼མ༽
མན་ངག་གསང་བ ༡༩༥
མི་རྟོག་པ ༢༦༥, ༢༨༨
མི་རྟོག་པའི་ཡེ་ཤེས་འཆར་ཚུལ ༢༨༨
༼ཚ༽
མཚོ་རྒྱལ་གྱི་རྨི་ལམ ༡༦༤
༼ཛ༽
རྫོགས་པ་ཆེན་པོའི་མན་ངག་གི་ལྟ་བ ༣༦༧
རྫོགས་པ་ཆེན་པོའི་དུས་གསུམ ༡༥༤
༼ཞ༽
ཞི་གནས་ལྷག་མཐོང ༢༦༤
གཞི ༡༩༨
༼ཟ༽
གཟེར་ལྔ ༡༩༢
༼ཡ༽
ཡིད་ཀྱི་ལུས ༢༩༠
ཡུལ་གྱི་སྣང་བ ༡༥༢
ཡེ་ཤེས་བྱུང་ཚུལ ༡༡༠
ཡོན་ཏན་ལྔ ༣༡༣
༼ར༽
རང་གི་རིག་པ ༡༡༥
རང་གྲོལ ༡༧༣, ༡༩༨
རིག་པ ༡༣༧, ༡༥༢, ༡༩༨
རིན་པོ་ཆེའི་གཟེར་ལྔ ༡༩༢
༼ལ༽
ལམ ༡༤༠, ༡༩༨, ༢༦༨, ༢༩༢
ལམ་གྱི་གེགས ༢༩༢
ལུས ༢༠༤, ༢༩༦
ལོ་རྒྱུས ༢༡༠
ལོག་རྟོག་བཟློག་པ ༣༡༨
༼ས༽
སེམས ༡༨༢, ༣༠༢
སེམས་ཀྱི་རང་བཞིན ༡༧༨
སེམས་ཅན་འབྱུང་ཚུལ ༡༠༨
སྲིད་པ་བར་དོ ༡༢༥
གསུང་ལྔ ༣༡༢
༼ཧ༽
ལྷག་མཐོང ༢༦༤
OpenEdition suggests that you cite this post as follows:
Jean-Luc Achard (April 8, 2024). རིག་འཛིན་རྒོད་ལྡེམ་གཏེར་ནས་བཏོན་པའི་རྫོགས་པ་ཆེན་པོ་ཀ་དག་རང་བྱུང་རང་ཤར་སྤྱིར་བསྟན་དང་ཁོག་དབུབ་སྐོར།. Northern Treasures Histories. Retrieved May 13, 2025 from https://doi.org/10.58079/w6ng