Category Archives: 18th century

སོག་པོ་ཇུན་གར་བས་བོད་ལ་བཙན་འཛུལ་གྱིས་སྔ་འགྱུར་རྙིང་མའི་བསྟན་པ་བསྣུབས་པའི་རྒྱུ་མཚན་དང་དེའི་རྒྱབ་ལྗོངས་ལ་དཔྱད་པ།

བསྟན་པ་ཚེར་རིང་ (Tenpa Tsering Batsang, IFRAE, INALCO)

གནད་བསྡུས

རྩིམ་ཡིག་འདིར་དུས་རབས་བཅོ་བརྒྱད་ནང་སོག་པོ་ཇུན་གར་བས་བོད་ལ་བཙུན་འཛུལ་མ་བྱས་གོང་དགའ་ལྡན་ཕོ་བྲང་གི་དབང་འཛིན་མི་སྣ་དང་རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་སོགས་རྙིང་ཕྱོགས་ཀྱི་བསྟན་འཛིན་སྐྱེས་ཆེན་ཚོའི་དབར་གྱི་མཆོད་ཡོན་གྱི་འབྲེལ་བ་དང་། དེ་རྗེས་ཇུན་གར་བས་བོད་ལ་བཙན་འཛུལ་བྱས་པའི་བརྒྱུད་རིམ་ནང་རྙིང་བསྟན་བསྣུབས་པར་ཀུན་སློང་བྱེད་མཁན་སོག་རིགས་སྒོ་མང་མཁན་པོ་བློ་བཟང་ཕུན་ཚོགས་གཙོས་དགེ་ཕྱོགས་ཀྱི་བླ་གྲྭ་ཉུང་ཤས་མཉམ་ཞུགས་བྱས་ཡོད་པ་རྭ་སྤྲོད་ཀྱིས་གླེང་སློང་བྱས་ཡོད།

བརྡ་ཆད་གཙོ་བོ

དགའ་ལྡན་ཕོ་བྲང་། རྒྱལ་དབང་ལྔ་པ་ཆེན་པོ། སྨིན་གྲོལ་གླིང་། རྡོ་རྗེ་བྲག ཇུན་གར་བ། རྙིང་བསྟན་བསྣུབས་པ། བཙན་འཛུལ། ཕྱོགས་ཞེན།

གླེང་གཞི།

དེ་ཡང་ཇི་སྐད་དུ།
མིས་རང་གི་སྐྱེ་ཁུངས་མ་ཤེས་ན། །ནགས་ནང་གི་སྤྲེའུ་དང་འདྲ། །
མི་རང་གི་ཆོ་འབྲང་མ་ཤེས་ན། །སྒོ་ཁའི་ཕྱུགས་ཟོག་དང་འདྲ། །
ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། །མཛོ་རྒྱན་འཁྱམ་པོ་དང་འདྲ། །

Continue reading